Connect with us

Culture

順治贊僧詩

Published

on

班字尔慈智加措译

 

顺治赞僧诗

གོང་མ་ཧྲུན་ཀྲིས་རབ་བྱུང་བ་ལ་བསྟོད་པའི་སྙན་ཚིག

顺治皇帝造

班字尔慈智加措译

གོང་མ་ཧྲུན་ཀྲིས་བརྩམས།

བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།

༼འདི་ལ་སྒྱུར་མཁན་སུ་ཡིན་མི་ཤེས་མོད། འོན་ཀྱང་སྔོན་གྱི་བོད་འགྱུར་ཞིག་འདུག་པ་མཐོང་བས། ད་རེས་ཁོ་བོས་དེ་ཉིད་གཞིར་བྱས་ཏེ་ཆད་པ་ཁ་བསྐངས་ཤིང་འགྱུར་མང་བོ་ཞིག་སླར་རྒྱ་ཡིག་ལ་གཏུགས་ནས་བཅོས་ཤིང་བསྒྱུར་བ་ཡིན།༽

荣华犹如三更梦, 

富贵还同九月霜,

天下丛林饭似山 ,

钵盂到处任君餐,

黄金白玉非为贵, 

唯有袈裟披最难。

སྲིད་པའི་ཕུན་ཚོགས་ཐུན་གསུམ་་རྨི་ལམ་འདྲ། །

རྒྱུ་འབྱོར་མངའ་ཐང་དགུ་བའི་བད་བཞིན་ནོ། །

གནམ་འོག་དགོན་པར་བཟའ་བཏུང་རི་བཞིན་ཏེ། །

ལྷུང་བཟེད་གར་ཐོན་གང་བཟའ་རང་དབང་ཡིན། །

གསེར་དང་གཡང་ཊིའི་རིན་ཐང་མི་ཆེ་ལ། །

ངུར་སྨྲིག་བསྒོ་བ་འབའ་ཞིག་ཆེས་དཀོན་ནོ། །

朕本大地山河主, 

忧国忧民事转烦,

百年三万六千日, 

不及僧家半日闲。

来时胡涂去时迷, 

空在人间走这回,

未曾生成谁是我?

生我之时我是谁?

长大成人方是我, 

合眼朦胧又是谁?

བདག་ནི་སྤྱིར་ན་ས་ཆེན་རི་ཆུའི་བདག །

རྒྱལ་ཁབ་འབངས་མིའི་དོན་གྱིས་ཉོན་མོངས་བསྐྱེད། །

ལོ་བརྒྱ་ཉིན་མ་སུམ་ཁྲི་དྲུག་སྟོང་ལ། །

རབ་བྱུང་ཉིན་ཕྱེད་ཁོམ་པའི་དོ་ཟླ་མིན། །

འོངས་དུས་བློ་རིག་མི་གསལ་འགྲོ་དུས་རྨོངས། །

མི་ཡུལ་ལན་གཅིག་འགྲིམས་པ་དོན་གྱིས་སྟོང་། །

བདག་མ་སྐྱེས་ན་སུ་ཞིག་བདག་ཡིན་ཏེ། །

བདག་སྐྱེ་ཙ་ན་བདག་ནི་སུ་ཞིག་ཡིན། །

ཆེ་རུ་སོང་ཚེ་གཞི་ནས་བདག་ཏུ་བཞག །

འོན་ཀྱང་མིག་ཟུང་བཙུམས་དུས་བདག་དེ་སུ། །

不如不来又不去, 

来时欢喜去时悲,

悲欢离合多劳虑 ,

何日清闲谁得知?

若能了达僧家事 ,

从此回头不算迟,

世间难比出家人 ,

无忧无虑得安宜。

དེ་བས་འོངས་མེད་འགྲོ་མེད་འདི་དགའ་སྟེ། །

འོངས་དུས་དགའ་ཡང་འགྲོ་བའི་དུས་ན་སྐྱོ། །

དགའ་སྐྱོ་འདུ་འབྲལ་འདི་ཀོ་སེམས་ལ་གཟན། །

ནམ་ཞིག་ལོང་ཡོད་འགྱུར་པའང་སུ་ཡིས་ཤེས། །

གལ་ཏེ་རབ་བྱུང་ཚང་གི་དོན་རྟོགས་ན།།

འདི་ནས་ངེས་འབྱུང་སྐྱེ་རུང་འཕྱི་མི་འདུག།

འཇིག་རྟེན་པ་ཡིས་གྲྭ་བར་འགྲན་མི་ནུས། །

རེ་དོགས་མེད་པར་བག་ཡངས་བསྡད་ཆོག་ཕྱིར། །

口中吃得清和味, 

身上常穿百衲衣,

五湖四海为上客,

逍遥佛殿任君嘻。

莫道僧家容易做,

皆因累世种菩提。

虽然不是真罗汉,

也搭如来三等衣。

ཁ་ལ་བཟའ་བ་གཙང་ཞིང་རོ་བཅུད་སྙོམས། །

ལུས་ལ་རྟག་ཏུ་ཤ་ནའི་གོས་ཀྱིས་བཀླུབས། །

ཡུལ་ཁམས་གར་ཕེབས་མགྲོན་གྱི་གོང་མར་བཀུར། །

ལྷ་ཁང་དག་ཏུ་རང་དབང་རྒྱུ་བས་ཆོག།

རབ་ཏུ་བྱུང་བ་སླ་བར་མ་སྨྲ་ཞིག།

ཀུན་ཀྱང་ཚེ་སྔོན་བྱང་ཆུབ་གོམས་ལས་བྱུང་།།

འཕགས་མཆོག་དགྲ་བཅོམ་དངོས་གནས་མིན་ན་ཡང་།།

བདེ་གཤེགས་ཆོས་གོས་རྣམ་གསུམ་བསྣམས་ནས་ཡོད། །

兔走鸟飞东复西,

为人切莫用心机。

百年世事三更梦,

万里乾坤一局棋。

禹尊九州汤放桀,

秦吞六国汉登基。

古来多少英雄汉,

南北山头卧土泥。

黄袍换却紫袈裟,

只为当初一念差。

ཡོས་བྲོས་བྱ་འཕུར་ཤར་ནུབ་སོ་སོར་འབྲལ། །

དེ་ཕྱིར་གཞན་ལ་ངན་སེམས་མི་འཆང་རོགས། །

འཇིག་རྟེན་ལོ་བརྒྱ་མདང་གསུམ་རྨི་ལམ་སྟེ། །

ལེ་ཁྲི་རྒྱལ་གཞིས་མིག་མངས་སྐོར་གཅིག་ཉིད། །

ཡུས་ཀྱིས་གླིང་དགུ་ཅེ་ནི་་ཧྲང་གིས་བསྣུབས། །

ཆིན་གྱིས་ཡུལ་དྲུག་མིད་ཀྱང་ཧན་གྱིས་བཟུང་། །

གནའ་ནས་དཔའ་རྒོད་ཇི་སྙེད་སྐྱེས་ན་ཡང་། །

ལྷོ་བྱང་རི་མགོའི་ས་འོག་ཉིད་ལ་ཐིམ། །

黄袍换却紫袈裟,

只为当初一念差。

我本西方一衲子,

缘何落在帝王家。

十八年来不自由,

南征北战几时休?

朕今撒手归西去,

不管千秋与万代。

打破虚空笑满腮 

玲珑宝藏豁然开

直饶空劫生前事 

六字洪名毕竟该

ཕྱུ་ཆེན་སེར་པོ་ངུར་སྨྲིག་ན་བཟའར་བསྒྱུར །

ཆོག་ཀྱང་དེ་དུས་བསམ་བློའི་ཁྱད་ལས་བྱུང་། །

སྤྱིར་ན་བདག་ནི་ནུབ་ཀྱི་དགེ་སྦྱོང་ཞིག །

རྐྱེན་གང་ཞིག་གིས་རྒྱལ་བོའི་ཁབ་ཏུ་ལྷུང་། །

ལོ་ངོ་བཅོ་བརྒྱད་བར་དུ་རང་དབང་མེད། །

ལྷོ་འཁྲུག་བྱང་འདུལ་གཡུལ་ངོ་ནམ་ཞིག་ཆད། །

ད་ནི་བདག་ཀྱང་ནུབ་ཕྱོགས་ཞིང་ཏུ་ལོག །

ཁྲི་སྟོང་ལོ་ངོའི་བྱ་གཞག་གང་དགར་ཞོག །

ནམ་མཁའ་བརྟོལ་ཏེ་འཛུམ་གྱིས་བྱད་བཞིན་ཁེངས། །

རྨད་བྱུང་གཏེར་གྱི་བང་མཛོད་ཡངས་པར་ཕྱེ། །

ཚེ་འདིའི་བྱ་བ་ལྷག་ཏུ་སྟོང་པར་བྱེད། །

ཡིག་དྲུག་མིང་པོ་ཆེ་ནི་བདེན་པར་འོས། །

Culture

亚洲节报道 | 凤凰茶轩飘香凤凰城·中华茶文化享誉亚洲节

Published

on

  • 茶道、茶礼、茶点、传统服饰、茶品茗。
点击阅读详细新闻报道Click link and share

Continue Reading

Culture

2018年11月18日第二十届中国湄洲妈祖文化旅游节隆重开幕

Published

on

上午,第二十届中国·湄洲妈祖文化旅游节在湄洲岛隆重开幕。中央、省、市及澳门特区政府有关单位领导,全球60个国家和地区的专家学者、知名侨领、海外人士、世界各地莆田同乡会、商会代表,以及来自全球各地、各省份的妈祖文化机构代表、游客等出席开幕式。 (more…)

Continue Reading

Culture

2018年11月8日中蒙俄在汉举行万里茶道申遗协调会

Published

on

2018年11月8日,中俄蒙三国万里茶道申遗工作协调会在汉举办,来自中国国家文物局、中国古迹遗址保护协会及万里茶道中国段沿线8省文物部门负责人,与蒙古、俄罗斯代表齐聚湖北武汉深入交流,这是三国就万里茶道申遗召开的首次会议, (more…)

Continue Reading

Trending

Copyright AZCTV © 2018 All Rights Reserved 尊重知识产权,版权归属原创作者,文章源于授权作家或网络,网络其他素材无从查证作者,如有侵权,原创作者烦请联系我们予以公示或删除处理。